Download Monlam Bodyig 3 For Mac
སྨོན་ལམ་བོད་ཡིག་བེད་སྤྱོད་གཏོང་བར་མཉེན་ཆས་གང་དག་ལ་བརྟེན་དགོས་མིན་ནི་གཙོ་བོ་ང་ཚོས་ངེས་པར་དུ་མཉེན་ཆས་རྙིང་བ་རྣམ་བཞག་ནས་གསར་བ་རྣམས་བེད་སྤྱོད་བཏང་ན་སྤྱི་ཚོགས་ཀྱི་རྗེས་ཟིན་པ་དང་བོད་ཡིག་ལ་འཕྲད་པའི་དཀའ་ངལ་སེལ་སླ། གློག་ཀླད་བརྙན་ཡོལ་སམ་ Desktop དང་ཡིག་ཆ་ཁག་གི་མིང་དང་རྟགས་རིས་ཡི་གེ་སོགས་སྨོན་ལམ་བོད་ཡིག་བཞག་ཚེ་ཆེ་ཆུང་དབྱིན་ཡིག་གཅིག་མཐུན་ཡོད་པ་མ་ཟད་ལྟ་སྣང་མཛེས་པོ་ཡོད། Window colour and Appearance ནང་གི་པར་རིས་གཞིར་བཟུང་གིས་བསྒྲིག་ན་བོད་ཡིག་ཆེ་ཆུང་དག་ཤར་ངེས་རེད། ཡིག་གཟུགས་པར་རིས་ལྟར་སྨོན་ལམ་ཡིག་གཟུགས་ལས་Monlam Uni Sans Serif ཤེས་པ་འཇོག་དགོས།. སྨོན་ལམ་བོད་ཡིག་གསུམ་པ་ནང་འཇུག་བྱེད་པ་ལ་མཉེན་ཆས་སྤྱི་མོས་ལྟར་བྱེད་དགོས། དང་པོ་སྒམ་ཁ་ཕྱེས་ཏེ་ནང་ནས་མཉེན་ཆས་སྟེང་གནོན་དགོས། Monlam Bod-yig 3.1 for s X.mpkg ཟེར་བ་དེའི་སྟེང་མདའ་རྩེས་ནོན་དང་ནང་འཇུག་བྱས་ཡོང་། མུ་མཐུད་ནང་འཇུག་གི་རིམ་པ་དང་ལེན་ Continue ཟེར་བ་དེ་ནས་ནོན། ནང་འཇུག་ Install ཟེར་བ་དེ་ནས་ནོན་ལ་ནང་འཇུག་བྱོས། འདིར་ཡང་གསང་ཚིག་གནོན་དགོས། དེ་ནི་རྒྱུན་པར་ཁྱོད་ཀྱིས་གློག་ཀླད་སྒོ་ཕྱེ་སྐབས་ཀྱི་གསང་ཚིག་ཡིན། དེ་ནོན་ལ་ནང་འཇུག་བྱོས། གསང་ཚིག་ནོན་ལ་མི་མཐུད་མཉེན་ཆས་ནང་འཇུག་ Install Software ཟེར་བ་དེ་ནས་ནོན། ཅུང་ཙམ་སྒུག་དགོས། ནང་འཇུག་བྱས་ཟིན་པས་ close ཟེར་བ་དེ་ནས་ནོན་ལ་སྒོ་རྒྱོབ་དང་འཐུས།. ད་ནི་ཁྱོད་ཀྱིས་གློག་ཀླད་ནང་འཐེབ་གཞོང་སྒྲིག་དགོས་པས་གོང་གི་འཐེབ་གཞུང་སྒྲིག་གནས་ལས་ Open Keyboard Preferences.